Revision 109150 of "Category talk:གསར་འགྱུར" on bowiki

{{delete|No corresponding category for this talk page.  Also, seems like it might be spammy.}}
== སྨོན་ལམ་བོད་ཡིག་གསུམ་པ་དྲ་ངོས་ནས་དངོས་སུ་གསར་འགྲེམ་བྱས་པ། ==
མདོ་དབུས་ཁམས་གསུམ་གཙོ་བོར་གྱུར་བའི་གཞིས་བྱེས་བོད་རིགས་སྤུན་ཟླ་རྣམ་པའི་སྙན་ལམ་དུ། སྤྱི་ལོ་༢༠༠༩་ཟླ་༢ ཚེས་༢༥་དང་། བོད་ས་གླང་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་སྨོན་ལམ་བོད་ཡིག་གསུམ་པ་དང་། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་མཉེན་ཆས་གཉིས་དངོས་སུ་འགྲེམས་སྤེལ་བྱེད་འགོ་བརྩམས་ཡོད་ན། སྨོན་ལམ་བོད་ཡིག་གསུམ་པར་རེ་ཞིང་ལྟོས་པའི་རྒྱང་རིང་གི་སྤུན་ཟླ་རྣམས་ཀྱིས www.monlambodyig.com/Product.html ནས་ཕབ་ལེན་བྱ་རོགས།


'''སྨོན་ལམ་བོད་ཡིག་གསུམ་པ།''' 
སྨོན་ལམ་བོད་ཡིག་གསུམ་པ་ནི་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་Unicodeཅན་གྱི་ཚད་གཞི་དང་གཅིག་མཚུངས་ཡིན་པ་མ་ཟད། ཡིག་གཟུགས་དང་། རྣམ་གྲངས། བེད་སྤྱོད་གང་གི་ཆ་ནས་ཀྱང་དེ་སྔ་བཟོ་སྐྲུན་བྱས་པའི་བོད་ཡིག་གི་མཉེན་ཆས་རྣམས་ལས་ཆེས་འཐུས་ཚང་དུ་གྱུར་ཡོད། ཡིག་གཟུགས་འདི་དྲ་རྒྱ་ཁག་དང་། གླེང་མོལ་མཉེན་ཆས་སྣ་ཚོགས། གློག་ཀླད་ནང་ཡིག་ཆ་འཚོལ་བ་དང་། ཡིག་སྒམ་བཟོ་བ། དཔེ་དེབ་དང་ཚགས་པར་སྒྲིག་སྦྱོར་སོགས་ལ་དམིགས་བསལ་གྱི་ནུས་པ་ལྡན་ཡོད་པ་མ་ཟད། དེ་སྔ་བོད་ཡིག་གློག་ཀླད་ཁྲོད་དར་རྒྱ་ཆེ་བའི་འཛུབ་གནོན་ཁག་བཞི་སྟེ། པཎྜི་ཏ་དང་། སྨོན་ལམ་གཉིས་པ། ཀྲི་སི་ཨར་སི། ཧི་མ་ལ་ཡ་བཅས་གང་དགོས་རང་མོས་ལྟར་འདེམས་ཆོག་པར་བཟོས་ཡོད། གཞན་ཡང་སྨོན་ལམ་བོད་ཡིག་གསུམ་པ་ནི་MACདང་Windows གང་ལ་ཡང་ཁྱད་མེད་དུ་བཀོལ་སྤྱོད་བྱེད་ཆོག 


'''སྨོན་ལམ་བོད་ཀྱི་སྐད་གདངས་མཉེན་ཆས།''' 
སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་མཉེན་ཆས་ནི་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ལ་ཐུན་མོང་གི་སྐད་གདངས་ཤིག་ཡོང་ཆེད་གསར་དུ་བཟོ་བསྐྲུན་བྱས་ཤིང་། འདི་ལ་གློག་བརྙན་དང་། སྐད་བརྡ། ཡི་གེ། འགུལ་རིས། པར་རིས་སོགས་ཡི་གེ་གྲངས་༤༢༤ ལ་འགྲེལ་བཤད་ཁག་དགུ་རེ་ཡོད་པ་དང་། མཉེན་ཆས་འདིའི་ནང་ཐོག་མར་ཡི་གེ་སྦྱོར་ཀློག་ནས་མིང་རྐྱང་དང་། ཚིག་གྲུབ། ཚིག་ལྷུག ཚིགས་བཅད། གཏམ་བཤད་བྱེད་སྟངས། ཞེ་ས། ཞེ་སའི་ཚིག་གྲུབ་སོགས་གཙོ་ཆེ་བ་སྡེ་ཚན་ཁག་དྲུག་ཏུ་དབྱེ་ཡོད། མཉེན་ཆས་འདི་བཟོ་སྐྲུན་གྱི་སྔ་གཞུག་ཏུ་མི་སྒེར་བདུན་ཅུ་ལྷག་གིས་ཁུར་མཉམ་ལེན་གྱིས་རོགས་འདེགས་བྱས་པར་བསྟེན་ནས་ད་ལྟ་དངོས་སུ་ལེགས་འགྲུབ་ཐུབ་པ་བྱུང་ཡོད། ལྷག་པར་དུ་བོད་ནང་དུ་བཞུགས་པའི་མཁས་པ་དང་ཤེས་ཡོན་ཅན་མང་པོ་ཞིག་གི་དགོངས་འཆར་དང་རོགས་འདེགས་གང་མང་བྱས་ཡོད་པས་གོ་སྐབས་འདི་བརྒྱུད་ནས་དམིགས་བསལ་ཐུགས་རྗེ་ཆེ་ཞུས་པ་ཡིན། མཉེན་ཆས་འདིས་བོད་ལ་ཐུན་མོང་གི་སྐད་གདངས་ཤིག་ཆགས་པར་མཐུན་རྐྱེན་གང་ལེགས་འབུལ་ཐུབ་པའི་རེ་བ་འཆང་བཞིན་ཡོད།

== ཧི་གཟུགས་སྤྱད་པའི་དྲ་ཚིགས་གསར་བ་ཞིག་ལེགས་འགྲུབ་བྱུང་ཡོད་པ། ==

ཉེ་ཆར་ཕྲ་མཉེན་ཧི་མ་ལ་ཡའི་ཡིག་གཟུགས་དེ་འཛམ་གླིང་གི་ཡུལ་གྲུ་སོ་སོར་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་ཡོད་ལ། དེ་སྤྱད་ནས་བསྒྲུབ་པའི་དྲ་ཚིགས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། རེབ་གོང་བོན་མང་དྲ་ཚིགས་ཅེས་པ་འདི་ཡང་ཕྲ་མཉེན་ཧི་མ་ལ་ཡའི་ཡིག་གཟུགས་སྤྱད་ནས་བསྒྲུབ་པའི་བོད་ཡིག་དྲ་ཚིགས་ཅིག་རེད། རེབ་གོང་བོན་མང་དྲ་ཚིགས་ནི་ཉིས་སྟོང་བརྒྱད་ལོར་རེབ་གོང་བོན་མང་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་འགན་ལེན་བྱས་ཏེ་བཟོས་པའི་བོད་རིག་པའི་དྲ་གནས་གསར་པ་ཞིག་ཡིན། དྲ་ཚིགས་འདིར་ནང་བསྟན་ཆོས་ལུགས་གྲུབ་མཐའ་ཁག་ལས་བོད་རང་ས་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ། ལོ་རྒྱུས་ཀྱི་དུས་ཡུན་ཤིནཏུ་རིང་བོར་ཕྱིན་པའི་གཡུང་དྲུང་བོན་གྱི་རིག་གནས་སྤྱི་དང༌། ཁྱད་པར་དུ་མདོ་སྨད་བྱང་རྒྱུད་ཨག་ཏ་རོང་ངམ་ཡོངས་གྲགས་སུ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་འབོད་པའི་ཆར། རྒྱལ་གཤེན་བསྟན་པའི་བརྒྱུད་འཛིན་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་སྒྲུབ་སྡེའི་བྱུང་རིམ་གཙོ་བྱས་པའི་ལོ་རྒྱུས་ཀྱི་སྐོར་དང༌། བཅའ་ག་ཕྱག་ལེན་གྱི་རིམ་པ། གསུང་རབ་དཔེ་ཚོགས་ངོ་སྤྲོད། པར་རིས་དང་རོལ་དབྱངས་སྣ་ཚོགས།དཔྱད་གླེང་དང་རྩོམ་རིག་རིག་གནས། འཕྲིན་གསར་དང་སྐད་འཇོག་ས་བཅས་སྡེ་ཚན་ཆེན་པོ་དགུ་རུ་བཀོད་སྒྲིག་བྱས་ཡོད། ངེད་ཚོགས་པས་དྲ་ཚིགས་འདི་གསར་དུ་སྒྲུབ་པའི་དམིགས་ཡུལ་ནི། ཆོས་ལུགས་གྲུབ་མཐའི་ཆགས་སྡང་དང་ཕྱོགས་ཞེན་གྱི་ལྟ་བ་ཡོངས་སུ་སྤངས་ཏེ་རང་གི་ཡབ་མེས་ནས་བརྒྱུད་པའི་རིག་གནས་འདི་ཀུན་ལ་ངོ་སྤྲོད་པ་དང༌།རྒྱལ་ཁབ་ཕྱི་ནང་གི་བོད་རིག་པར་ཞིབ་འཇུག་བྱེད་མཁན་ ཡོངས་ལ་དཔྱད་གཞིའི་རྒྱུ་ཆ་མཁོ་འདོན་བྱེད་པ། དེ་མིན་གསར་སྐྱེས་གཞོན་རབས་པ་རྣམས་ལ་རང་གི་རིག་གནས་ལ་ངོས་འཛིན་དང་ཤེས་རྟོགས་གསར་བ་འབྱུང་བའི་ཆེད་དུ་ལགས་སོ།།
[དྲ་གནས་འདི་བརྒྱུད་ནས་བཅར་འདྲི་བྱེད་པ།  http://www.rgbm123.com]